24 Apr 2022 · 4y 7m ago · moment 505 of 945

4y 7m ago
24 Apr 2022· from Facebook
ང་བཅས་ འབྲུག་གི་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་ ཡར་རྒྱས་གཏང་ནིའི་དོན་ལུ་ "Vསྟོབས" (VTOB) ཡུན་བརྟན་སློབ་སྦྱོང་སྤེལ་ཁང་གིས་ཧོངས་ལས་ "རྫོང་ཁ་ལྷག་ནིའི་འགྲན་བསྡུར།" ཟེར་བའི་བརྗོད་དོན་ཐོག་ལུ་ རྫོང་ཁ་ལྷག་ནིའི་ ལས་རིམ་གཅིག་ འགོ་འདྲེན་འཐབ་ནི་ཨིན། འདི་ནང་ སློབ་རིམ་བློ་གསར་ལས་ སློབ་རིམ་ ༡༢་པ་ཚུན་གྱི་སློབ་ཕྲུག་ ག་ར་གིས་ བཅའ་མར་གཏོགས་ཆོག་ནི་དང་ རྫོང་ཁའི་ལྷག་དེབ་ཡང་ ག་ཅི་ཨིན་རུང་ བཏུབ་ མ་ཚད་ ལྷག་དེབ་ཀྱི་སྐོར་ལས་ གློག་བརྙན་ཐུང་ཀུ་རེ་བཟོ་སྟེ་ ང་བཅས་རའི་འགོ་འདྲེན་པ་ རིན་ཆེན་དབང་མོ་གི་ བརྡ་འཕྲིན Telegram གི་འགྲུལ་འཕྲིན་ཨང་གྲངས་ ༡༧༣༨༢༩༣༢ ནང་ གཏང་གནང་ཟེར་ ཞུ་ནི་ཨིན། འགྲན་བསྡུར་འབད་མི་ནང་ལས་ དྲག་ཤོས་ལྔ་གདམ་འཐུ་འབད་དེ་ གསོལ་ར་དང་ ལག་ཁྱེར་ཚུ་ཡང་བྱིན་ནི་ཨིན། ལས་རིམ་འདི་ སྤྱི་ཟླ་ལྔ་པའི་ ཚེས་ ༡ ལས་ ༣༠ ཚུན་ འགོ་འདྲེན་འཐབ་ནི་ ཨིནམ་ལས་ བཅའ་མར་གཏོགས་ཏེ་ བཀྲིན་བསྐྱང་གནང་། ང་བཅས་ འབྲུག་གི་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་ ཡར་རྒྱས་གཏང་ནིའི་དོན་ལུ་ "Vསྟོབས" (VTOB) ཡུན་བརྟན་སློབ་སྦྱོང་སྤེལ་ཁང་གིས་ཧོངས་ལས་ "རྫོང་ཁ་ལྷག་ནིའི་འགྲན་བསྡུར།" ཟེར་བའི་བརྗོད་དོན་ཐོག་ལུ་ རྫོང་ཁ་ལྷག་ནིའི་ ལས་རིམ་གཅིག་ འགོ་འདྲེན་འཐབ་ནི་ཨིན། འདི་ནང་ སློབ་རིམ་བློ་གསར་ལས་ སློབ་རིམ་ ༡༢་པ་ཚུན་གྱི་སློབ་ཕྲུག་ ག་ར་གིས་ བཅའ་མར་གཏོགས་ཆོག་ནི་དང་ རྫོང་ཁའི་ལྷག་དེབ་ཡང་ ག་ཅི་ཨིན་རུང་ བཏུབ་ མ་ཚད་ ལྷག་དེབ་ཀྱི་སྐོར་ལས་ གློག་བརྙན་ཐུང་ཀུ་རེ་བཟོ་སྟེ་ ང་བཅས་རའི་འགོ་འདྲེན་པ་ རིན་ཆེན་དབང་མོ་གི་ བརྡ་འཕྲིན Telegram གི་འགྲུལ་འཕྲིན་ཨང་གྲངས་ ༡༧༣༨༢༩༣༢ ནང་ གཏང་གནང་ཟེར་ ཞུ་ནི་ཨིན། འགྲན་བསྡུར་འབད་མི་ནང་ལས་ དྲག་ཤོས་ལྔ་གདམ་འཐུ་འབད་དེ་ གསོལ་ར་དང་ ལག་ཁྱེར་ཚུ་ཡང་བྱིན་ནི་ཨིན། ལས་རིམ་འདི་ སྤྱི་ཟླ་ལྔ་པའི་ ཚེས་ ༡ ལས་ ༣༠ ཚུན་ འགོ་འདྲེན་འཐབ་ནི་ ཨིནམ་ལས་ བཅའ་མར་གཏོགས་ཏེ་ བཀྲིན་བསྐྱང་གནང་།

3 months ago
SBIP on AI literacy conducted at Bjemina Primary School, Thimphu Dzongkhag.
22 Aug 2026